今天是:2024年03月29日 周五
ཐད་འབྲེལ་ཁ་པར།:400-672-8848 中文 / བོད་ཡིག
ཤོག་ངོས་དང་པོ། > > ལས་རིགས་གསར་འགྱུར།
བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་སྐབས་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཚོགས་པ།
2019-04-19 18:27:32
འབྱུང་ཁུངས།:དྲྭ་ལམ།
ཡིག་ཨང་།:+-
མཉམ་སྤྱོད།:

    སྤྱི་ལོ་༢༠༡༨ལོའི་ཟླ་༢པའི་ཚེས་༧ཉིན་ནས་ཚེས་༨བར། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་ལས་སྒོའི་གཙོ་གཉེར་ལས་ཁུངས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཆོག་མཆན་འོག ལྷ་སའི་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་འཐུས་མི་༩༠ཙམ་ཚོགས་ཞུགས་གནང་ཡོད་པ་རེད།

     སྐབས་འདིའི་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱིས་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་གི་ལས་ཀའི་སྙན་ཞུ་དང་ནོར་དོན་སྙན་ཞུ་ཁྱབ་བསྒྲགས་དང་། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་སྲོལ་ཡིག་བཟོ་བཅོས་ལ་གསལ་བཤད་བྱས་ཡོད་པ་མ་ཟད། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་མིའི་དོ་དམ་ལམ་ལུགས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་སྐབས་བརྗེ་འདེམས་བསྐོ་བྱ་རྒྱུ་ནི་སྐབས་འདིའི་ཚོགས་འདུའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། ཚོགས་འདུའི་གྲོས་ཞིབ་བརྒྱུད་གྲོས་འཆམ་ཡང་བྱུང་ཡོད་ཅིང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན། བོད་ལྗོངས་ཟླ་ཧྲེ་ཚོགས་པ་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་བ་དོན་གྲུབ་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་(ཀྲུའུ་ཞི་)དུ་བདམས་ཐོན་བྱུང་བ་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་དེ་སྔའི་ཐིང་ཀྲང་སྐུ་གཞོན་བཀྲ་ཤིས་རྡོ་རྗེ་རྒྱུན་ལས་ལས་འཛིན་དཔོན་(རྒྱུན་ལས་ཀྲུའུ་ཞི་)གཞོན་པར་བདམས་ཐོན་བྱུང་བ། དེ་བཞིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལིས་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་ནས་ཤུལ་བཞག་སྨན་ལུགས་ཐང་གའི་ཚབ་མཚོན་རང་བཞིན་གྱི་བརྒྱུད་འཛིན་པ་བསྟན་པ་རབ་བརྟན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ལིའི་ཏྰ་གྲང་། བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཡུལ་ཡའུ་ཤིན། ལིའི་གྰ་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་ལིའི་ཞའོ་གྰ བོད་ལྗོངས་རིག་གནས་ཐོན་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་དཔོན་བསོད་ནམས་དབང་འདུས། བོད་ལྗོངས་མ་སྐྱེས་ཨ་མ་རིག་གནས་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་དཔོན་བསོད་ནམས་དབང་ཆེན། བོད་ལྗོངས་ལྰ་ཝེ་ཁེ་ལས་(ཚོགས་པ་)འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་དཔོན་ཝང་ཀང་ལིང་བཅས་ལས་འཛིན་དཔོན་(ཀྲུའུ་ཞི་)གཞོན་པར་བདམས་ཐོན་བྱུང་བ་དང་། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལིའུ་ཐའོ་དྲུང་ཡིག་དཔོན་དུ་བདམས་ཐོན་བྱུང་བ་རེད།

     ཚོགས་འདུ་མ་ཚོགས་གོང་། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོ་མཆོག་ནས་མཚན་འཛིན་ལས་འཛིན་དཔོན་(ཀྲུའུ་ཞི་)གནང་རྒྱུར་རེ་འདུན་ཞུས་པ་དང་། ཚོགས་འདུའི་སྐབས་རིན་པོ་ཆེ་ནས་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་མཚན་འཛིན་ལས་འཛིན་དཔོན་(ཀྲུའུ་ཞི་)གནང་རྒྱུར་ཞལ་ཞེས་བཟང་པོ་ཐོབ་པར་བརྟེན་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་འཛིན་དང་ཚོགས་མི་རྣམས་ནས་དགའ་སྤྲོའི་ངང་མ་འོངས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་ཀ་པཎ་ཆེན་རིན་པོ་ཆེའི་མཛུབ་སྟོན་འོག་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།

       མཇུག་ཏུ། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་གསར་དུ་བདམས་ཐོན་བྱུང་བའི་ལས་འཛིན་དཔོན་(ཀྲུའུ་ཞི་)ཟླ་བ་དོན་གྲུབ་ནས་མཇུག་སྡོམས་གཏམ་བཤད་གནང་ཤིང་། ཁོང་གིས་ཐོག་མར། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་རིག་གནས་ཁྲོམ་རྭ་ཅན་གྱི་བར་འབྲེལ་ཟམ་ལྟ་བུའི་ནུས་པ་བསྟོན་དགོས་པ་དང་དུས་མཚུངས། སྲིད་གཞུང་གི་ཐབས་ཇུས་ལ་ནུས་ལྡན་གྱི་དཔྱད་གཞི་འདོན་དགོས། ཞེས་དང་། དེ་ནས་ཁོང་གིས་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་ཀ་དང་། ལྷག་དོན་དུ་སྐབས་གསུམ་གྱི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་ལེགས་གྲུབ་ངང་གཉེར་བ་མ་ཟད། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་སུ་སྙན་ཞུ་གནང་ཐུབ་པ་བཅས་ལ་གདེང་འཇོག་གང་ལེགས་གནང་བ་རེད། མཇུག་མཐར། ལས་འཛིན་དཔོན་ཟླ་བ་དོན་གྲུབ་ནས་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་རང་ངོས་ཀྱི་ནུས་པ་གོང་མཐོར་གཏོང་བ་དང་ཤེས་ལྡན་པ་མང་དུ་གཏོང་བ། ཚོགས་མིའི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་ལས་ཆོད་ཆེན་པོ་ཡོང་བ་བྱེད་དགོས། རེ་བར་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་མི་ཡོངས་ཀྱིས་མཉམ་དུ་ལག་གདངས་སྦྲེལ་ཏེ་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་དང་། དམིགས་ཡུལ་གསར་པ། ཁོར་ཡུག་གསར་པ། དུས་རབས་གསར་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་དགོས་ཞེས་གསུང་པ་རེད།

འབྲེལ་ཡོད་དཔེ་ཀློག

Copyright © 2014-2015 བོད་ལྗོངས་ཐང་གའི་སྒྱུ་རྩལ་དཔྱད་སྡོམ་ལྟེ་གནས།.   藏ICP备07000360号-4   All Rights Reserved